22/06/2026
༈སྤྱི་ལོ་༢༠༢༦ཟླ་བ་༦ཚེས་༢༠དབུས་གཞུང་ནང་པའི་རིག་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་དང་རང་གཞུང་སྡེ་ཚན་གྱི་གོ་སྒྲིག་འོག་ཉིན་གཉིས་པ་གསེར་ཁྲི་ཡུལ་དུ་༼ནང་པའི་ལྟ་གྲུབ་དང་དེའི་ལག་ལེན་༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་སྐབས་ཀྱི་མཛད་རིམ།
༈ ཉིན་གཉིས་པའི་བགྲོ་གླེང་ཚོགས་ཐུན་དང་པོའི་སྐབས་གཙོ་སྐྱོང་བ་རིག་མཚོ་ཚུལ་ཁྲིམས་རྒྱ་མཚོ་དབུ་བཞུགས་ཐོག
༡༽གསུང་བཤད་པ་དང་པོ་རིག་མཚོ་ཨོ་རྒྱན་འགྲོ་འདུལ་ནས། བྷོ་ཊི་སྐད་ཡིག་ནང་ཆོས་ལ་གལ་ཆེ་ཚུལ་སྐོར་གསུང་བཤད་གནང་མཚམས་སློབ་ཕྲུག་ཁག་ནས་དྲི་བ་དྲིས་ལན་ལེགས་པར་མཛད།
༢༽གསུང་བཤད་པ་གཉིས་པ། རིག་མཚོ་མཁས་དབང་བློ་བཟང་ཚེ་དབང་མཆོག་ནས།ལྟ་བ་རྟེན་བྱུང་དང་འབྲེལ་བའི་ཐོག་གཏམ་བཤད་སྒྲུབ་རྗེས་དགེ་རྒན་དང་སློབ་ཕྲུག་ཁག་ནས་དྲི་བ་དྲིས་ལན་ཟབ་རྒྱས་གནང་སོང་།།
༣༽གསུང་བཤད་པ་གསུམ་པ། བྲག་དགོན་སློབ་དཔོན་བཤད་སྒྲུབ་ཨོ་རྒྱན་མཆོག་ནས་ཡན་ལག་བདུན་པ་དང་འབྲེལ་བའི་སྐོར་གསུང་བཤད་དང་མི་དམངས་ཁག་ནས་དྲི་བ་དྲིས་ལན་ལེགས་པར་མཛད།
༤༽གསུང་བཤད་པ་བཞི་པ། མཁན་པོ་བཤད་སྒྲུབ་དཀོན་མཆོག་ནས་ཆང་དང་ཉལ་ཐའི་ཉེས་དམིགས་སྐོར་གཏམ་བཤད་གནང་རྗེས་མི་དམངས་དང་སློབ་ཕྲུག་ཡོངས་ནས་དྲི་བ་དྲིས་ལན་སྒྲུབ་མཚམས། གཙོ་སྐྱོང་བ་རིག་མཚོ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནས་གོང་གསལ་བརྗོད་གཞི་ཁག་གི་སྙིང་དོན་ཐོག་གསུང་བཤད་ཚར་བ་དང་མཉམ་སྔ་དྲོའི་ཚོགས་ཐུན་ལེགས་གྲུབ་བྱུང་།
སྔ་དྲོའི་ཚོགས་འཐུན་གཉིས་པའི་སྐབས་གཙོ་སྐྱོང་བ་མཁས་དབང་རིག་མཚོ་བློ་བཟང་ཚེ་དབང་དབུ་བཞུགས་ཐོག
༥༽གསུང་བཤད་པ་ལྔ་པ། དགེ་བཤེས་བློ་བཟང་ཚུལ་ཁྲིམས་མཆོག་ནས་བསྡུ་བའི་དངོས་པོ་བཞིའི་སྐོར་གསུང་བཤད་གནང་མཚམས་སློབ་ཕྲུག་ཁག་ནས་དྲི་བ་དྲིས་ལན་མཛད།
༦༽གསུང་བཤད་པ་དྲུག་པ། རིག་མཚོ་བློ་བཟང་ཚུལ་ཁྲིམས་མཆོག་ནས་ཚིག་བདུན་གསོལ་འདེབས་ཀྱི་གལ་གནད་ཐོག་གསུང་བཤད་སྒྲུབ་མཚམས་མི་དམངས་དང་སློབ་ཕྲུག་ཁག་ནས་དྲི་བ་དྲིས་ལན་ལེགས་པར་མཛད། དེ་ནས་གཙོ་སྐྱོང་བ་མཁས་དབང་བློ་བཟང་ཚེ་དབང་མཆོག་ནས་གོང་གསལ་བརྗོད་གཞི་ཁག་གི་སྙིང་དོན་གྱི་གསུང་བཤད་དང་མཉམ་དངོས་གཞི་ཉིན་གཉིས་ཀྱི་བགྲོ་གླེང་བཀྲ་ཤིས་ལེགས་སྒྲུབ་ངང་གྲོལ། ཉིན་གཉིིས་པའི་བགྲོ་གླེང་སྐབས་གསེར་ཁྲི་ཡུལ་གྱི་ཡུལ་མི་དང་། སློབ་གྲྭ་ཁག་གསུམ་གྱི་དགེ་རྒན་གཙོས་སློབ་ཕྲུག་རྣམས་དང་ལྕེ་བདེ་དགོན་གྱི་མཀན་པོ་དང་སློབ་གྲྭའི་སློབ་ཕྲུག་བཅས་བསྡོམས་མཉམ་བཞུགས་པ་གསུམ་བརྒྱ་ལྷག་ཚོགས་གནང་ཡོད།
མཇུག་བསྡུའི་མཛད་སྒོའི་མཛད་རིམ།
༈དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་དང་རང་གཞུང་སྡེ་འགོ་སྒྲིག་འོག་གསེར་ཁྲི་ཡུལ་གྱི་སྤྱི་པའི་ཚོགས་ཁང་དུ་ནང་པའི་ལྟ་གྲུབ་དང་དེའི་ལག་ལེན་ཞེས་པའི་བརྗོད་གཞིའི་ཐོག་སྤྱི་ཟླ་༦ཚེས་༡༩་དང་༢༠བཅས་ཉིན་གཉིས་ཀྱི་རིང་བགྲོ་གླེང་ལེགས་སྒྲུབ་ཀྱི་མཇུག་བསྡུའི་མཛད་སྒོའི་མཛད་རིམ།
༡༽ཐོག་མར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དང་རྩི་བའི་སྐུ་མགྲོན་རྣམ་གཉིས་ནས་སྣང་གསལ་ཞལ་འབྱེད་མཛད་རྗེས་རིག་མཚོ་བློ་བཟང་ཚུལ་ཁྲིམས་མཆོག་ནས་དགའ་བསུའི་གསུང་བཤད་མཛད།
༢༽དེ་ནས་གསེར་ཁྲི་ཀོན་སལ་སློབ་གྲྭའི་དགེ་རྒན་དང་། ལྕེ་བདེ་དགོན་གྱི་སློབ་གྲྭའི་སློབ་ཕྲུག འཇམ་དབྱངས་སློབ་གྲྭའི་དགེ་རྒན་ཁག་གཅིག་ནས་བགྲོ་གླེང་དང་འབྲེལ་བའི་མྱོང་ཚོར་གསུང་བཤད་མཛད།
༣༽དེ་བཞིན་སྤྱི་འཐུས་ཟུར་པ་སྐུ་ཞབས་རིག་འཛིན་ཚེ་རིང་ནས་མྱོང་ཚོར་གསུང་བཤད་མཛད།
༤༽ དེ་རྗེས་རྩི་བའི་སྐུ་མགྲོན་ཆོས་སྐུལ་ཚོགས་གཙོ་སྐུ་ཞབས་བཀྲ་ཤིས་རྡོ་རྗེ་ནས་གསུང་བཤད་མཛད།
༥༽དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་གཞུང་ནང་པའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་ཚེ་རིང་ཆོས་ལྡན་མཆོག་ནས་ཉིན་གཉིས་ཀྱི་བགྲོ་གླེང་དང་འབྲེལ་བའི་ཐོག་གསུང་བཤད་ལེགས་པར་གནང་།
༦༽མཇུག་ཏུ་མཁན་པོ་འཇམ་དབྱངས་ཀུན་བཟང་མཆོག་ནས་ཐུགས་རྗེ་ཆེའི་གསུང་བཤད་སྒྲུབ་རྗེས་མཇུག་བསྔོ་བ་དང་མཉམ་མཛད་སྒོ་བཀྲ་ཤིས་ངང་ལེགས་པར་གྲོལ་
ཡོད་པའི་གནས་ཚུལ་བཅས་གུས་པ་རྒྱ་གཞུང་སྡེ་ཚན་གྱི་སློབ་དགེ་མཁན་པོ་དཀོན་མཆོག་རྣམ་དག་ནས་སྤྱི་ལོ་༢༠༢༦ཟླ་བ་༦ཚེས་༢༠ཉིན་སྤེལ
སྤྱི་ཟླ་༦ཚེས་༡༩ཉིན་དགོང་དྲོ་གསེར་ཁྲི་མི་དམངས་སྤྱི་ཁང་དུ་ མཚན་ཉིད་སློབ་གྲྭའི་སློབ་ཕྲུག་རིག་འཛིན་ནོར་བུ་དང་རྡོ་རྗེ་ཆུང་ངུན་གཉིས་ནས་་་་་་་གསེར་ཁྲི་ཡུལ་གྱི་མི་དམངས་ཡོངས་ལ་ལ་སྲིད་པ་འཁོར་ལོའི་འགྲེལ་བཤད་སྐོར་འདྲ་རྒྱའི་ལམ་ནས་སློབ་སྟོན་ཀྱང་ལེགས་པར་མཛད་ཡོད
Day Two — Session One (Morning)
Chaired by Dr. Tsultrim Gyatso
Presentation 1 — Dr. Orgyen Droldul
Dr. Orgyen Dhadul delivered a presentation on the importance of the Bhoti language as a medium for the preservation and transmission of Buddhist teachings. A student question-and-answer session followed successfully.
Presentation 2 — Prof. Lobsang Tsewang
Prof. Lobsang Tsewang presented on the doctrine of Dependent Origination, exploring its philosophical implications and relevance to practice. An in-depth question-and-answer session with teachers and students followed.
Presentation 3 — Lopon Shedrup Orgyen, Dragön Monastery
Lopon Shedrup Orgyen of Dakgon Monastery delivered a presentation on the Seven-Limb Prayer and its role in the accumulation of merit and purification. A public question-and-answer session followed.
Presentation 4 — Khenpo Shedrup Konchok
Khenpo Shedrup Konchok delivered a talk on the harmful effects of alcohol and sexual misconduct, grounded in Buddhist ethical reasoning. A lively question-and-answer session with both the public and students followed.
The chairperson, Dr. Tsultrim Gyatso, then offered a synthesizing summary of the morning’s presentations, and the session concluded successfully.
Day Two — Session Two (Afternoon)
Chaired by Prof. Lobsang Tsewang
Presentation 5 — Geshe Lobsang Tsultrim
Geshe Lobsang Tsultrim presented on the Four Means of Gathering Disciples, examining how these four qualities enable a teacher to effectively guide students on the path. A student question-and-answer session followed.
Presentation 6 — Dr. Lobsang Tsultrim
Dr. Lobsang Tsultrim delivered a presentation on the significance of the Seven-Branch Prayer in daily practice, highlighting its role as a comprehensive method for accumulating merit and purifying obscurations. A question-and-answer session with both students and the general audience followed. The chairperson, Prof. Lobsang Tsewang, offered a closing summary, and the main seminar discussions were brought to an auspicious conclusion.
Approximately 300 participants attended Day Two, including local residents of Sakti, teachers and students from the three schools, and the Khenpo and students of Chemdey Monastery.
Closing Ceremony
The two-day seminar on Buddhist Philosophy and Its Practice, jointly organized by the Department of Bhot Bauddh Darshan and the Department of Sampradaya Shastra of the Central Institute of Buddhist Studies (Deemed to be University), was formally concluded at the Sakti Village Community Hall on June 20, 2026, with the following programme:
1. Lighting of Butter Lamps and Welcome Address
The chief guest and honored guests lit the butter lamps before the sacred images of the Buddha, after which Dr. Lobsang Tsultrim delivered the welcome address.
2. Reflections from Participants
Teachers from Sakti Konsal School, a students from Chemdey Monastery’s school, and teachers from Jamyang School each shared their personal reflections and impressions of the seminar, offering perspectives from both the academic and monastic communities.
3. Address by Former Member of Parliament
Mr. Rigzin Tsering, former Member of Parliament, shared his reflections on the significance of the seminar and its contribution to Buddhist education in the region.
4. Address by the Honored Guest
Mr. Tashi Dorje, President of the Choekul Association and honored guest, delivered a formal address acknowledging the efforts of the organizers and the importance of such academic initiatives.
5. Address by the Chief Guest
The chief guest, Dr. Tsering Choldan, Deputy Registrar of the Central Institute of Buddhist Studies, delivered the keynote closing address, reflecting on the academic and spiritual value of the two-day seminar and commending all participants and presenters.
6. Vote of Thanks and Dedication of Merit
Khenpo Jamyang Kunsang delivered the vote of thanks on behalf of the organizing committee. The seminar was formally concluded with a dedication of merit, bringing the entire two-day programme to an auspicious and successful close.
Additional note: On the evening of June 19, at the Sakti Community Hall, two students of the Central Institute of Buddhist Studies, Rigzen Norbu and Dorje Chunu, delivered a visual presentation (with projected slides) on the Wheel of Life to the local residents of Sakti. The session was well received by the audience.
Report submitted by: Khenpo Konchok Namdak, Assistant Professor, Department of Bhot Bauddh Darshan
Ministry of Culture, Government of India