Global Tibetan People's Movement for Middle Way Approach

Global Tibetan People's Movement for Middle Way Approach Welcome to the official Page of the Global Tibetan People's Movement for Middle Way Approach

(༢༠༢༥/༨/༨) ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་སྐབས་ (༧) པའི་རྒྱུན་ལས་ཁང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་...
10/08/2025

(༢༠༢༥/༨/༨) ཉིན་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་སྐབས་ (༧) པའི་རྒྱུན་ལས་ཁང་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་ཕྲུག་སློབ་མ་རྣམས་ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་གླེང་མོལ་ཁང་དུ་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པས་དེའི་པར་རིས་ཁག་ཡིན།
Today, on 8th August 2025, we the executive members had the wonderful opportunity to meet with Tibetan students from various foreign countries. During the session, we introduced and discussed the Middle Way Approach, leading to a meaningful and interactive exchange. The students showed great interest, and the discussion was both insightful and engaging.

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཉིན། སྐབས་ ༦ པའི་དབུས་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མ...
15/07/2025

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༣ ཉིན། སྐབས་ ༦ པའི་དབུས་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་བ་དང་འབྲེལ། ས་གནས་ཁག་སུམ་ཅུ་ཐམ་པར་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད། དམིགས་བསལ་དུ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུངས་གསར་ཉོའི་ཆེད་གཏོང་ཕོད་ཅན་གྱི་སྦྱིན་བདག་ཆེ་བ་གྲངས་ཉི་ཤུ་རྩ་གཅིག་ལ་ཆེ་བསྟོད་ཕྱག་འཁྱེར་འབུལ་ལམ་ཞུ་ཐུབ་པ་བྱུང་ཡོད་པ་སོགས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་དྲུག་པ་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུ་ཐུབ་པ་བྱུང་ཡོད།

15/07/2025
ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་༧སྐུའི་དགུང་ལོ་ ༩༠ ཕེབས་པའི་འཁྲུངས་སྐར་དུ...
06/07/2025

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནས་༧སྐུའི་དགུང་ལོ་ ༩༠ ཕེབས་པའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ཆེད། བཞུགས་སྒར་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་མདུན་དུ་མི་མང་རྣམས་ལ་དབུ་མའི་ལམ་གྱི་བྱུང་རིམ་ངོ་སྤྲོད་ཀྱི་༧རྒྱལ་བའི་གསུང་བཤད་དབྱིན་སྐད་ཐོག་ཏུ་སྒྱུར་ཡིག་དང་། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོ་སྤྲོད་ཡིག་ཆ་སོགས་དེབ་ཆུང་དུ་འགྲེམ་སྤེལ་ཞུ་པའི་གོ་སྐབས་ལེགས་པོ་བྱུང་སོང་།

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ ཉིན། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་མཆོག་...
24/02/2025

ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༢༡ ཉིན། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་མཆོག་དང་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་གཉིས་ཡུ་རོབ་ཕྱོགས་བསྐྱོད་ཀྱི་ས་གནས་དང་པོ་སུད་སིར་འབྱོར་བ་དང་། སྐབས་དེར་སུད་སིའི་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་གཉིས་ནས་ཕེབས་བསུ་གནང་བྱུང་། དེ་ནས་ས་གནས་སུད་སིའི་ཚོགས་པ་བཞི་མཉམ་རུབ་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་མོ་རྣམ་སྐྱིད་ལགས་ཀྱི་ཆེད་དུ་གོ་སྒྲིག་གནང་བའི་གཏམ་བཤད་ཚོགས་འདུར་མཉམ་ཞུགས་ཀྱི་གོ་སྐབས་བྱུང་ཡོད།
On 21st Feb 2025, the President and General Secretary of GTPM for MWA landed in Zurich, Switzerland as the first stop for this year’s Europe official tour, and was warmly welcomed by the Swiss Regional President and executive members. We also had the opportunity to attend “the former Tibetan political prisoner Namkyi la’s testimonial speech” organised by four local organisations in the very same evening.

བཀའ་བློན་ཁྲི་ཟུར་༧སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལས་ཚད་མེ...
11/02/2025

བཀའ་བློན་ཁྲི་ཟུར་༧སྐུའི་གཅེན་པོ་རྒྱ་ལོ་དོན་འགྲུབ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། འདི་ལྟར་རླབས་ཆེན་གྱི་སྐྱེས་བུ་ཁོང་ནི་དགོང་གྲངས་ ༩༧ ཐོག་དགོངས་པ་རྫོགས་བར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། ཁྱེད་ཀྱིས་ལོ་རྒྱུས་ལ་བཞག་པའི་རྡོ་རིང་དག་ང་ཚོས་ནམ་ཡང་བརྗེད་མི་སྲིད་ལ། ཁྱེད་ཀྱིས་བོད་མི་རིགས་ལ་གནང་བའི་མཛད་རྗེས་རྣམས་རྟག་ཏུ་ང་ཚོའི་སེམས་ཁུངས་ན་ཡོད། བཀའ་དྲིན་ཆེ། སྐུ་ཉིད་སླར་ཡང་བོད་གངས་ཅན་ཡུལ་དུ་འཁྲུངས་པའི་སྨོན་འདུན་གྲངས་མེད་ཞུ།

We would like to pay our deepest condolences to the late Kasur Gyalo Thondup la, your entire life was a dedication to the Tibetan Cause and Justice, we thank you for every legacy you have left in the long river of Tibet’s history, your contribution will forever be honored. Thank you and may your spirit return to a peaceful Tibet!

对于嘉乐顿珠先生近日于97岁高龄去世的消息,我们在此表达最沉痛的哀悼。我们永远不会忘记您作为近代西藏历史里的一位重要领袖,倾尽一生为西藏的佛法和政治而无私的奉献,我们在此向您表示最深切的敬意和感谢,再次深深的祈福您能够再次降生在一个和平的西藏!

Address

Potala Road
Dharmsala
176215

Opening Hours

Monday 9am - 5pm
Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Friday 9am - 5pm

Telephone

+911892292287

Website

Alerts

Be the first to know and let us send you an email when Global Tibetan People's Movement for Middle Way Approach posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Global Tibetan People's Movement for Middle Way Approach:

Share