Meadtsho Gewog Administration, Lhuentse Dzongkhag

Meadtsho Gewog Administration, Lhuentse Dzongkhag Contact information, map and directions, contact form, opening hours, services, ratings, photos, videos and announcements from Meadtsho Gewog Administration, Lhuentse Dzongkhag, Government Organization, Lhuntshi.

༈ བདུན་རིམ་ཞལ་འཛོམས་ཀྱི་གྲོས་ཆོད་ལྟར་ སྤྱི་འོག་ཚོགས་པའི་འགོ་འདྲེན་ཐོགས་ མི་དམངས་ནས་ རང་སོའི་ས་ཁོངས་དང་ཁྲིལ་ལམ་སྲེལ་རྐྱབ་...
29/08/2026

༈ བདུན་རིམ་ཞལ་འཛོམས་ཀྱི་གྲོས་ཆོད་ལྟར་ སྤྱི་འོག་ཚོགས་པའི་འགོ་འདྲེན་ཐོགས་ མི་དམངས་ནས་ རང་སོའི་ས་ཁོངས་དང་ཁྲིལ་ལམ་སྲེལ་རྐྱབ་དོ་ཡོད་པའི་གནས་ཚུལ་ཞུ།

༈ དགེ་བའི་ལས་ཀྱི་འབྲས་བུ་དུས་སུ་སྨིན།།མི་དམངས་དད་པའི་ཡིད་ཀྱི་རེ་བ་སྐོང་།།དོན་གཉེར་བརྩོན་པའི་འབྲས་བུ་ལེགས་ཐོབ་ནས།།ཚོགས་དཔ...
27/08/2026

༈ དགེ་བའི་ལས་ཀྱི་འབྲས་བུ་དུས་སུ་སྨིན།།
མི་དམངས་དད་པའི་ཡིད་ཀྱི་རེ་བ་སྐོང་།།
དོན་གཉེར་བརྩོན་པའི་འབྲས་བུ་ལེགས་ཐོབ་ནས།།
ཚོགས་དཔོན་གོ་གནས་ཐོབ་པ་རྗེས་ཡིད་རང་།།

མི་དམངས་སེམས་ཀྱི་རེ་བ་སྐོང་བའི་སྟོབས།།
གཞུང་དོན་ལས་ལ་མཁས་པའི་ཤེས་རབ་རྒྱས།།
དྲང་བདེན་བྱམས་བརྩེའི་ལམ་ལས་མ་གཡོ་བར།།
མི་དམངས་ཕན་བདེ་དཔལ་ལ་སྤྱོད་པར་སྨོན།།

མཐུན་སྒྲིག་དགའ་བདེའི་མེ་ཏོག་རྟག་ཏུ་བཞེས།།
ཞབས་ཏོག་དྲི་མེད་ས་གཞི་ཀུན་ལ་ཁྱབ།།
གང་མཛད་དགེ་བའི་འབྲས་བུ་མང་འཕེལ་བའི།།
རབ་ཏུ་གུས་པས་བཀྲིས་བདེ་ལེགས་ཞུ།།

ལོ་འདིར་རྒེད་འོག་འདི་ཡི་ འཆར་གཞི་༡༣པའི་དམིགས་གཏད་བཞིན་ ས་ནམ་ཞིང་ལམ་ཁག་གཉིས་སེལ་ནི་འབད་ཡོད་རུང་ ལམ་གྱི་དཔག་ཚད་འཇལ་བའི་སྐབ...
11/08/2026

ལོ་འདིར་རྒེད་འོག་འདི་ཡི་ འཆར་གཞི་༡༣པའི་དམིགས་གཏད་བཞིན་ ས་ནམ་ཞིང་ལམ་ཁག་གཉིས་སེལ་ནི་འབད་ཡོད་རུང་ ལམ་གྱི་དཔག་ཚད་འཇལ་བའི་སྐབས་ ཁ་ནག་སྤང་ལས་རྡོ་བ་ལེབ་གཏང་ལུ་རིངས་ཚད་ཀི་ལོ་མི་ཀྲར་༡ ལྷག་ཙམ་ཡོད་མི་འདི་ ཞིང་ལམ་སེལ་ཆོགཔ་འབད་འགྱོ་འདི་ཡོད་རུང་ ས་གནས་གཏན་ད་ལུང་ལས་སུན་ཇར་ཆུ་ཞིང་ཚུན་ཞིང་ལམ་སེལ་ནི་འབད་མ་དངུལ་ས་ཡ་༣ ལྷག་ཙམ་བཞག་འདི་ཡོད་མི་འདི་ ཞིང་ལམ་དཔག་ཚད་འཇལ་འདི་ མི་ཀྲར་༥༠༠ དེ་ཅིག་ཁར་ལྷོདཔ་ད་ སྒེར་གྱི་ས་གཞི་ཅིག་གིས་བར་ན་ལས་ཕོག་འདི་ཡོདཔ་ལས་ སའི་ཇོ་བདག་གིས་གནང་བ་མ་གནངམ་ལས་ མི་དམངས་ཀྱི་རེ་སྡོད་ལྟར་ཞིང་ལམ་འདི་བཏོན་མ་ཚུགཔ་མ་ཚད་ འཆར་གཞི་༡༣ པའི་དམིགས་གཏད་ཅིག་ཡང་སྒྲུབ་མི་ཚུགས་བཟུམ་ཡོདཔ་ལས་ རྒེད་འོག་བདག་སྐྱོང་ཧོངས་ལས་བཟོད་གསོལ་ཕུལཝ་ཨིན།

དམངས་ཀྱི་སྐུ་རིམ་འདི་ཉིད་ བླ་མ་པདྨ་ཚེ་རིང་་མཆོག་གིས་དབུ་བཞུགས་ཐོགས་བཞེས་གྲངས་༡༦ནས་ ཉིན་འདིར་ རི་རླུང་ཁྲུས་གསོལ་ ཀློང་ཆེན...
02/08/2026

དམངས་ཀྱི་སྐུ་རིམ་འདི་ཉིད་ བླ་མ་པདྨ་ཚེ་རིང་་མཆོག་གིས་དབུ་བཞུགས་ཐོགས་བཞེས་གྲངས་༡༦ནས་ ཉིན་འདིར་ རི་རླུང་ཁྲུས་གསོལ་ ཀློང་ཆེན་ཕུད་རབས་དང་ བླ་མ་དགོངས་པ་འདུས་པའི་གོ་ནས་ ཞི་བའི་སྦྱིན་སྲེག་གནང་ནས་ མི་དམངས་ལ་དངོས་གྲུབ་བླངས་བ་དང་ བསྔོ་སྨོན་བཀྲིས་བཅས་གྲོལ་གནང་འདི་ཡོདཔ་ལས་ ག་ར་ལུ་བཀྲིན་ཆེ་ཟེར་ཞུ་ནི་ཨིན།

དམངས་ཀྱི་རིམ་གྲོ་ཉིན་གཉིས་པའི་སྐབས་ སྒྲོལ་མ་གཡུ་ཟློག་དང་ཕུད་རབས་གྲོལ་ཡོད་པའི་འཐོང་སྣང་གཟིགས་འབུལ།
01/08/2026

དམངས་ཀྱི་རིམ་གྲོ་ཉིན་གཉིས་པའི་སྐབས་ སྒྲོལ་མ་གཡུ་ཟློག་དང་ཕུད་རབས་གྲོལ་ཡོད་པའི་འཐོང་སྣང་གཟིགས་འབུལ།

༈ དམངས་ཀྱི་རིམ་གྲོ་ཉིན་དང་པོའི་གཟིགས་འབུལ།
31/07/2026

༈ དམངས་ཀྱི་རིམ་གྲོ་ཉིན་དང་པོའི་གཟིགས་འབུལ།

༈ དམངས་ཀྱི་རིམ་གྲོ་ཉིན་དང་པོའི་མཐོང་སྣང་གཟིགས་འབུལ།
31/07/2026

༈ དམངས་ཀྱི་རིམ་གྲོ་ཉིན་དང་པོའི་མཐོང་སྣང་གཟིགས་འབུལ།

ལོ་འདིར་ སྒོར་ཚོམས་ཚང་ཁྲོམ་སྤྱི་འོག་ནང་ མི་ལ་ཤི་རྐྱེན་དང་ན་ཚ་ ལོ་ཐོགས་ལུ་སེམས་ཅན་ཚུ་གིས་གནོད་པ་ལེ་ཤ་རྐྱབས་དོ་ཡོདཔ་ལས་ རྐ...
30/07/2026

ལོ་འདིར་ སྒོར་ཚོམས་ཚང་ཁྲོམ་སྤྱི་འོག་ནང་ མི་ལ་ཤི་རྐྱེན་དང་ན་ཚ་ ལོ་ཐོགས་ལུ་སེམས་ཅན་ཚུ་གིས་གནོད་པ་ལེ་ཤ་རྐྱབས་དོ་ཡོདཔ་ལས་ རྐྱེན་ངན་ཞི་ཐབས་སུ་དམིགས་ཏེ་ མི་དམངས་ནས་ཉིན་གྲངས་གསུམ་གྱི་རིངས་ སྒྲོལ་མ་གཡུ་ཟློག་དང་ཞི་བའི་སྦྱིན་སྲེག་ གཞི་བདག་རྣམས་ལ་ཕུད་རབས་དང་རི་བོ་བསངས་མཆོད་ བསྟན་སྲུང་རྣམས་ལ་གསོལ་ཁ་དང་ཁྲུས་གསོལ་བཅས་གནང་ནི་དོན་ལུ་ བཅའ་སྒྲིག་གནང་དོ་ཡོདཔ་ལས་ སྤྱི་འོག་འདི་ཡི་མི་དམངས་ཡོངས་ སྨོན་འདེབས་ཕུལ་བ་བྱོན་གནང་དགོས་པའི་གསོལ་འདེབས་ཞུ་ནི་དང་ རང་སོའི་ཁྱིམ་ནང་སྐུ་རིམ་གནང་མ་ཚུགས་པ་ཅིན་ སྐུ་རིམ་ཕུལ་ནི་དོན་ལུ་སྤྱི་འོག་ཚོགས་པ་དང་འབྲེལ་བ་མཛད་གནང་ཟེར་ཞུ་ནི་ཨིན་

ལོ་འདི་ཡི་ལས་སྣ་སྦོམ་ཤོས་ཅིག་ཨིན་མི་ སྨད་མཚོ་རྒེད་འོག་གི་ རྫོང་ཁག་ལམ་འདི་ འགྲོ་འགྲུལ་སྐྱེལ་འདྲེན་ལས་འཁུངས་ཧོངས་ལས་ མ་དངུ...
19/07/2026

ལོ་འདི་ཡི་ལས་སྣ་སྦོམ་ཤོས་ཅིག་ཨིན་མི་ སྨད་མཚོ་རྒེད་འོག་གི་ རྫོང་ཁག་ལམ་འདི་ འགྲོ་འགྲུལ་སྐྱེལ་འདྲེན་ལས་འཁུངས་ཧོངས་ལས་ མ་དངུལ་ས་ཡ་༢༧.༨༧རྒྱབ་སྐྱོར་ཐོགས་ ཆུ་ཡུར་དང་ ལམ་ལེགས་བཅོས་གནང་ཡོད་མི་དང་ འབྲུག་ནུས་ཤུགས་ཚད་འཛིན་ཧོངས་ལསམ་དངུལ་ས་ཡ་༥༠ལྷག་ཙམ་གཏང་ཐོགས་ རྩིས་ནག་ལོག་འདི་གཏང་དོ་ཡོད་མི་འདི་ ་རིག་གསར་ཁ་འབག་གིས་སྤུད་ཚད་ཅན་ཅིག་འབད་བཟོ་འཚར་འདི་ཡོདཔ་ལས་ ད་ལས་ཕར་རྒེད་འདི་ནང་འབྱོན་མི་མི་དམངས་ཡོངས་ ས་གནས་གོར་གན་ལས་དུས་ཡུན་ཆུ་ཚོད་སྐར་མ་༤༠ ནང་འཁོད་ རྒེད་འོག་ལྟེ་བ་ལུ་ལྷོད་དོ་ཡོདཔ་ལས་ ལས་འཁུངས་ནང་ལས་འགུལ་གྱི་མདོ་ཆེན་གཙོས་ཕྱག་ལ་གནང་མི་ཡོངས་ལུ་བཀྲིན་དགའ་ཚོར་ཕུལ་ནི་དང་ རིག་གསར་བཟོ་བསྐྲུན་ཧོངས་ལས་ ལས་སྡེ་རང་གིས་ཁེ་ཕན་ལུ་མ་གཟིགས་པར་མི་དམངས་ཀྱི་སྐྱིད་སྡུག་ལུ་གཟིགས་ཏེ་ ལམ་འདི་བསམ་པའི་རེ་བ་ལས་ལྷག་འདི་བཟོ་གནང་མི་ལུ་ ང་བཅས་རྒེད་འོག་མི་དམངས་ཧོངས་ལས་ བཀྲིན་ཆེ་ཟེར་ཞུ་ནི་ཨིན་ལགས།

Address

Lhuntshi

Alerts

Be the first to know and let us send you an email when Meadtsho Gewog Administration, Lhuentse Dzongkhag posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share